ཁྱེད་ཀྱིས་རོགས་རམ་ཇི་ལྟར་བྱེད་ཐུབ།

tibetan children with books

ང་ཚོས་དེང་སྐབས་མོན་གྷོ་མི་མང་དཔེ་མཛོད་ཁང་ཞེས་པའི་ལས་འཆར་ཞིག་སྒྲིག་གི་ཡོད། ཁྱོད་ཀྱིས་ཁོང་ཚོའི་གནས་ཚུལ་ལས་འཆར་གྱི་འོག་ནས་འཚོལ་ཐུབ་ཀྱི་རེད།

ང་ཚོས་དཔེ་དེབ་ཀྱི་རོགས་སྐྱོར་ཞེས་པའི་འོག་ལས་འཆར་མང་དུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་ལྟར་བྱུང་ན་ང་ཚོས་མི་མང་པོ་ཞིག་ལ་ཁྱད་པར་བཟོ་ཐུབ་ངེས་ཡིན།

རེ་འདུན་ཁག

ལས་འཆར་རེ་རེར་སོ་སོའི་ཨ་མེ་ཛོན་གྱི་རེ་འདུན་ཡོད་པ་དང། ཁྱེད་ནས་ཁོང་ཚོའི་རེ་འདུན་གྱི་ཐོ་གཞུང་ལྟར་དཔེ་དེབ་ཉོས་ཏེ་ཁོང་ཚོའི་ཁ་བྱང་ཐོག་ཐད་ཀར་གཏོང་འཐུས་ཆོག་པ་ཡིན།

སྟབས་བདེ་པོ་ཡོང་ཆེད། ཁོང་ཚོའི་རེ་འདུན་ཁག་སྡེ་ཚན་གཉིས་སུ་དབྱེ་བ་ཕྱེ་ཡོད། ཁྱེད་ཀྱིས་དཔེ་དེབ་བལྟ་ཀློག་གནང་རྗེས་ཁྱེད་རང་གིས་བདམས་པའི་དཔེ་དེབ་དང་སྡེ་ཚན་འདེམས་ཆོག་པ་ཡིན།

མངགས་ཉོ།

ཀློག་བལྟའི་དཔེ་དེབ་འདྲ་མིན་སྣ་ཚོགས་མངགས་ཉོ་བྱེད་མཁན་རྣམ་པར་རྗེས་སུ་ཡི་རང་བསྔགས་བརྗོད་ཞུ་ཡི་ཡོད། ང་ཚོའི་བསལ་ཚུལ་གྱི་དཔེ་དེབ་ཁ་ཤས་འོག་ཏུ་འགོད་འབུལ་ཞུས་ཡོད།

བྱམས་བརྩེ་ཁྱབ་སྤེལ།

ཁྱེད་ནས་ཁྱེད་རང་གི་བེད་སྤྱོད་བྱས་ཟིན་པའི་དཔེ་དེབ་ཐད་ཀར་གཏང་ན་འགྲིག འོན་ཀྱང་སྔོན་ལ་གློག་འཕྲིན་གཏོང་དང་ང་ཚོས་གྲ་སྒྲིག་བྱེད་རྒྱུར་སྟབས་བདེ་པོ་ཡོང་ངེས་ཡིན། དེ་བཞིན་དཔེ་དེབ་དེ་དག་དཔེ་མཛོད་ནང་གི་དེབ་ཀློག་པ་པོའི་ལོ་ཚད་དང་འབྲེལ་ནས་གཏོང་དང་། གང་དུ་གཏོང་དགོས་མིན་དང་ ག་པར་བེད་སྤྱོད་དང་དགའ་མོས་བྱེད་མིན་ཐག་གཅོད་བྱེད་རྒྱུར་སྟབས་བདེ་ཡོང་ངེས་ཡིན།

གལ་སྲིད་ཁྱེད་ཀྱིས་ལྟ་ཀློག་ཟིན་པའི་དཔེ་དེབ་རྡ་རམ་ས་ལར་གཏོང་འདོད་ཡོད་ན་ང་ཚོར་གློག་ འཕྲིན་གཏོང་དང་ང་ཚོས་དེབ་ལེན་རྒྱུར་གྲ་སྒྲིག་བྱེད་ཆོག

ང་ཚོའི་ཡིག་འབྲེལ་བརྒྱུད་ལམ་དུ་འཛུལ་ཞུགས་གནང་དང།

དཔེ་དེབ་རོགས་སྐྱོར་གྱི་ཚོགས་མི་ཆགས་མཚམས། ང་ཚོར་ག་དུས་ལས་འཆར་ཡོད་པ་དང་ཁྱེད་རང་གི་རོགས་པ་དགོས་དུས་ང་ཚོས་གློག་འཕྲིན་གཏོང་གི་ཡིན། འདིར་ནས་ཡིག་འབྲེལ་བརྒྱུད་ལམ་དུ་འཛུལ་གནང།

ང་ཚོ་མཉམ་རུབ་ཀྱིས་ཁྱད་པར་ཞིག་བཟོ་ཐུབ་རྒྱུ་ཡིན་པ་དེ་དགོངས་འཇགས་ཞུ། ཁྱེད་ཀྱིས་རྒྱབ་སྐོར་གནང་བར་ཐུགས་རྗེ་ཆེ་ཞུ།

This post is also available in: English