ལས་འཆར་ངོ་སྤྲོད།

དཔེ་དེབ་ཀྱི་རོགས་སྐྱོར། ཞེས་པའི་ལས་འཆར་འདི་བཞིན་ཁེ་བཟང་འདུ་འགོད་དང་བྲལ་བའི་སྤྱི་ཚོགས་ཞབས་ཞུའི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ཏེ་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་བྱས་པ་ཞིག་ཡིན།

དམིགས་ཡུལ།ལས་འཆར་བརྩམས་མཁན་རང་ཉིད་དེ་སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ནང་འཚར་ལོངས་བྱས་པའི་ཉམས་མྱོང་ལས། དཔེ་དེབ་རིན་གོང་ཆེ་བ་དང་། ཐོབ་དཀོན་པའི་རྐྱེན་གྱིས་གོ་སྐབས་ཉུང་བའི་གནས་སྟངས་དེ་དག་རང་འཇགས་ཡོད་པ་འགྱུར་བ་གཏོང་འོདད་བྱུང་ནས། དོ་སྣང་་ཅན་སོགས་ལ་སྔ་རྗེས་སུ་འབྲེལ་བ་བྱས་ཤིང། “སྤྲོ་བ་འཕེལ་ཆེད་དཔེ་དེབ་ཀློག་དགོས” ཞེས་པའི་ཤོད་རྒྱུན་གྱི་གོ་དོན་ལ་ཡིད་ཆེས་རྙེད་དེ། མི་རྒན་པ་དང། བྱིས་པ། གཞོན་པ་གསུམ་དེབ་རིགས་ཀློག་རྒྱུར་དགའ་སྣང་བྱེད་པ་ཇི་བཞིན་ང་རང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་ཆ་རྐྱེན་ཞིག་བསྐྲུན་རྒྱུར་འདོད་པ་བྱུང་ཏེ། ཐབས་ཤེས་འབད་བརྩོན་བྱེད་འགོ་བཙུགས་པ་ཡིན།

བོད་མིའི་སྤྱི་ཚོགས་ནང་ཕྲུ་གུ་རྣམས་ལ་དེབ་ཀློག་རྒྱུའི་གོམས་གཤིས་ཆེས་ཞན་པའི་ཐོག ཕ་མ་མང་ཆེ་བ་སློབ་སྦྱོང་གི་གནས་ཚད་དམའ་བས། ཕྲུ་གུ་ཚོར་སློབ་གྲྭའི་སློབ་དེབ་གཅིག་པུ་ལས་དེབ་རིགས་གཞན་དག་བལྟ་ཀློག་བྱེད་པ་དེ་བཞིན་སློབ་སྦྱོང་ཡར་རྒྱས་འགྲོ་བར་ངོས་འཛིན་བྱེད་ཀྱི་མེད་སྟབས། ཕྲུ་གུ་ཚོ་དེབ་ཀློག་རྒྱུར་ཉོབ་སྣང་གིས་དོ་སྣང་བྱེད་ཀྱི་མེད་པའི་སྐྱོན་ཆ་མེད་པ་བཟོ་དགོས་པ་གལ་ཆེན་པོ་ཡིན་པ་མཐོང་གི་ཡོད།

དཔེ་དེབ་ཀྱི་རོགས་སྐྱོར། འདི་བཞིན་རང་རིགས་རྒན་བྱིས་གཞོན་གསུམ་ལ་དཔེ་དེབ་སྣ་ཚོགས་ཐབས་འཚོལ་གྱིས་དེབ་ཀློག་རྒྱུའི་ཁོར་ཡུག་དང་གོམས་གཤིས་བསྐྲུན་ཏེ། ཤེས་བྱའི་མཐོང་རྒྱ་གོང་མཐོར་གཏོང་རྒྱུའི་འབད་བརྩོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

རོགས་སྐྱོར་གནང་ཕྱོགས་ཐད་ཚན་པར་གཟིགས་རོགས།

This post is also available in: English