ལས་གཞི་འཛུགས་ཡུལ་ས་གནས། – མོན་གྷོ་མི་མང་དཔེ་མཛོད་ཁང་།

མོན་གྷོ་མི་མང་དཔེ་མཛོད་ཁང་།

དཔེ་དེབ་ཀྱི་རོགས་སྐྱོར་གྱི་སྔོན་འགྲོའི་ལས་འཆར་དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་ནང་རྟེན་གཞི་བྱས་པའི་མོན་གྷོ་མི་མང་དཔེ་མཛོད་ཁང་ལ་དཔེ་དེབ་འཚོལ་སྒྲུབ་ཀྱི་རོགས་རམ་བྱེད་རྒྱུ་ཞིག་ཡིན། གཏོང་ཕོད་ཅན་གྱི་བོད་ཁང་ཐེབས་རྩའི་དཔལ་འབྱོར་གྱི་མཐུན་འགྱུར་འོག་གཞིས་ཆགས་འདིའི་ལས་འཆར་རིམ་པ་དང་པོ་དཔེ་མཛོད་ཁང་གི་ཕྱིའི་འཛུགས་སྐྲུན་ཆེད་དཔལ་འབྱོར་ཐོབ་སོན་བྱུང་ནས་ལས་གཞི་འགོ་འཛུགས་ཞུས་ཟིན་པ་ཡིན། ལས་འཆར་རིམ་པ་གཉིས་པའི་ཆེད་དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད།

ལས་འཆར་འོག་ལས་གཞི་སྔོན་མ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་མོན་གྷོ་མི་མང་དཔེ་མཛོད་ཁང་ཁང་པ་གསར་རྒྱག་ཨར་ལས་འགོ་འཛུགས་བྱས་ཟིན་ཡོད། དཔེ་མཛོད་ཁང་གི་ཁང་པའི་ཆེད་དངུལ་དངོས་ཀྱི་ཞལ་འདེབས་གནང་འདོད་ཡོད་རིགས་ནས་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ལ་འབྲེལ་བ་གནང་རོགས་།

ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་
doegul(at)tibet.net དང་ཁ་བྱང་
Tibetan Settlement Officer
P.O. Tibetan Colony, Mundgod 581411
Distt. Karwar, Karnataka State
INDIA ཡིན།

དཔེ་མཛོད་འདི་བཞིན་རྒྱ་གར་ཁུལ་གནས་པའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ལས་གཞི་གསར་པ་ཞིག་ཆགས་ཀྱི་ཡོད། དཔེ་དེབ་ཀྱི་རོགས་སྐྱོར། ལས་གཞི་བརྒྱུད་གཞིས་ཆགས་མི་མང་རྣམས་ལ་ཕན་ཐོགས་བྱེད་ཆེད་ལམ་སྟོན་མཐུན་འགྱུར་ཞུ་འོས་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད།

མོན་གྷོ་འདོ་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ངོ་སྤྲོད་མདོར་བསྡུས།

འདོད་རྒུ་གླིང་གཞིས་ཆགས་འདི་བཞིན་རྒྱ་བལ་འབྲུག་གསུམ་ཁུལ་གནས་སྡོད་བོད་མིའི་གཞིས་ཆགས་རྣམས་ཀྱི་ནང་ནས་གཞིས་ཆགས་ཀྱི་ས་ཆའི་རྒྱ་ཁྱོན་དང་། མི་འབོར་སོགས་ཀྱི་ཆ་ནས་རྒྱ་ཆེ་ཤོས་ཡིན། ཕྱི་ལོ་༡༩༦༦ ལོར་རྒྱ་གར་གཞུང་ནས་བོད་མི་བཙན་བྱོལ་བའི་ཆེད་དུ་གསར་འཛུགས་གནང་བའི་སོ་ནམ་གཞིས་ཆགས་འདི་ཡི་མི་འབོར་༡༦༠༠༠སྐོར་བྱེད་ཀྱི་ཡོད། གཞིས་ཆགས་འདིར་གཞིས་གྲོང་ཁག་ ༩ དང་། དགའ་ལྡན། འབྲས་སྤུང་བཅས་གདན་ས་ཆེན་པོ་གཉིས་དང་། ས་སྐྱ། རྙིང་མ། བཀའ་བརྒྱུད་གསུམ་གྱི་ཆོས་སྡེ་ཁག་ཡོད།

གཞིས་མིའི་ཕྲུ་གུ་ཚོའི་ཆེད་དུ་རྒྱ་གར་གཞུང་གིས་བཙུགས་པའི་སློབ་གྲྭ་ཆེ་ཆུང་ཁག་དང་བུ་བཅོལ་ཁང། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཁང། སྨན་རྩིས་ཁང་གི་སྨན་ཁང་ཁག མི་མང་མཉམ་འབྲེལ། ས་གནས་འཐུས་མིའི་ཚོགས་འདུ། རང་བདེན་ཚོགས་ཆུང་སོགས་སྒྲིག་འཛུགས་ཁག་ཡོད།

གཞིས་ཆགས་འདི་ཡི་སྐྱ་སེར་རྒན་བྱིས་གཞོན་གསུམ་གྱི་ཆེད་དུ་བརྩུགས་པའི་དཔེ་མཛོད་ཁང་འདི་ཡི་ལས་འཆར་ཀྱི་དམིགས་ཡུལ་ལྟར་ཞབས་ཕྱི་ཞུ་ཐུབ་པའི་ཡིད་ཆེས་ཡོད།

icon མོན་གྷོ་མི་མང་དཔེ་མཛོད་ཁང་། Facebook

This post is also available in: English